ང་ཡི་ཁྲི་ཤོར་རྒྱལ་མོ།
ཚིག འབྲུག་ལྷ་རྒྱལ།
དབྱངས། རིག་འཛིན་སྒྲོལ་མ།
ལེན་མཁན། མི་ཉག་ཚེ་རིང་མཚོ་མོ།
མཐོན་པོའི་ཡུལ་ན་མཐིང་མདོག་གིས་འཁྱིལ་བའི།
སེམས་ཀྱི་མཚོ་ཆེན་ཁྲི་ཤོར་རྒྱལ་མོ།
རླབས་ཀྱི་རང་སྒྲ་དལ་གྱིས་སྒྲོག་པའི་དུས།
ང་ཡི་སེམས་པ་གནའ་བོའི་ཡུལ་དུ་དྲངས།
འཛམ་གླིང་ཡང་རྩེ་ཁ་བ་ཅན་གྱི་ཡུལ།
ཁྲག་དང་རྔུལ་ཆུས་བསྐྲུན་པའི་དཔའ་མཛངས་མཐོང་།
ཁྲག་དང་རྔུལ་ཆུས་བསྐྲུན་པའི་དཔའ་མཛངས་མཐོང་།
ཨོ་་་་་་
ང་ཡི་ཁྲི་ཤོར་རྒྱལ་མོ།
ང་ཡི་ཁྲི་ཤོར་རྒྱལ་མོ།
ཁྱོད་ནི་ཡབ་ཆེན་སུ་ཡི་རྔུལ་ཁྲག་ཡིན།
གངས་རིའི་ལྗོངས་སུ་མཛེས་སྡུག་གིས་འཁྱིལ་བའི།
སེམས་ཀྱི་མཚོ་ཆེན་ཁྲི་ཤོར་རྒྱལ་མོ།
རླབས་ཀྱི་ཟེགས་མ་དལ་གྱིས་འཕྱོ་བའི་དུས།
ང་ཡི་སེམས་པ་གནའ་བོའི་ཡུལ་དུ་དྲངས།
རང་ཡུལ་དྲོན་མོ་ཁ་བ་ཅན་གྱི་ཡུལ།
བྱམས་དང་མིག་ཆུས་བསྐྲུན་པའི་ལང་ཚོ་མཐོང་།
བྱམས་དང་མིག་ཆུས་བསྐྲུན་པའི་ལང་ཚོ་མཐོང་།
ཨོ་་་་་་
ང་ཡི་ཁྲི་ཤོར་རྒྱལ་མོ།
ང་ཡི་ཁྲི་ཤོར་རྒྱལ་མོ།
ཁྱོད་ནི་མ་ཡུམ་སུ་ཡི་མིག་ཆུ་ཡིན།
ང་ཡི་ཁྲི་ཤོར་རྒྱལ་མོ།
ཚིག འབྲུག་ལྷ་རྒྱལ།
དབྱངས། རིག་འཛིན་སྒྲོལ་མ།
ལེན་མཁན། མི་ཉག་ཚེ་རིང་མཚོ་མོ།
མཐོན་པོའི་ཡུལ་ན་མཐིང་མདོག་གིས་འཁྱིལ་བའི།
སེམས་ཀྱི་མཚོ་ཆེན་ཁྲི་ཤོར་རྒྱལ་མོ།
རླབས་ཀྱི་རང་སྒྲ་དལ་གྱིས་སྒྲོག་པའི་དུས།
ང་ཡི་སེམས་པ་གནའ་བོའི་ཡུལ་དུ་དྲངས།
འཛམ་གླིང་ཡང་རྩེ་ཁ་བ་ཅན་གྱི་ཡུལ།
ཁྲག་དང་རྔུལ་ཆུས་བསྐྲུན་པའི་དཔའ་མཛངས་མཐོང་།
ཁྲག་དང་རྔུལ་ཆུས་བསྐྲུན་པའི་དཔའ་མཛངས་མཐོང་།
ཨོ་་་་་་
ང་ཡི་ཁྲི་ཤོར་རྒྱལ་མོ།
ང་ཡི་ཁྲི་ཤོར་རྒྱལ་མོ།
ཁྱོད་ནི་ཡབ་ཆེན་སུ་ཡི་རྔུལ་ཁྲག་ཡིན།
གངས་རིའི་ལྗོངས་སུ་མཛེས་སྡུག་གིས་འཁྱིལ་བའི།
སེམས་ཀྱི་མཚོ་ཆེན་ཁྲི་ཤོར་རྒྱལ་མོ།
རླབས་ཀྱི་ཟེགས་མ་དལ་གྱིས་འཕྱོ་བའི་དུས།
ང་ཡི་སེམས་པ་གནའ་བོའི་ཡུལ་དུ་དྲངས།
རང་ཡུལ་དྲོན་མོ་ཁ་བ་ཅན་གྱི་ཡུལ།
བྱམས་དང་མིག་ཆུས་བསྐྲུན་པའི་ལང་ཚོ་མཐོང་།
བྱམས་དང་མིག་ཆུས་བསྐྲུན་པའི་ལང་ཚོ་མཐོང་།
ཨོ་་་་་་
ང་ཡི་ཁྲི་ཤོར་རྒྱལ་མོ།
ང་ཡི་ཁྲི་ཤོར་རྒྱལ་མོ།
ཁྱོད་ནི་མ་ཡུམ་སུ་ཡི་མིག་ཆུ་ཡིན།