六长寿

歌手: 白日然珠 • 专辑:六长寿 • 发布时间:2025-02-01
作词 : 白日然珠
 作曲 : 白日然珠
 编曲 : 白日然珠
《六长寿》

作词:岗华
作曲:白日然珠
演唱:白日然珠
ཚེ་རིང་དྲུག་སྐོར་ལ་ཡེ།

ཚིག་རྩོམ་མཁན། གངས་དཔལ།
དབྱངས་རྩོམ་མཁན། བེ་རི་རང་གྲོལ།
གཞས་མཁན། བེ་རི་རང་གྲོལ།

ལྷ་ཞལ་དགྱེས་པའི་སྐྱེས་བུ་བག་དྲོ་བ།།
སྐུ་བསོད་ཅན་གྱི་མགྲོན་པོ་ཡར་ལ་ཕེབས།།
གོས་ཆེན་འབྲུག་མ་ས་ལ་གཞུམ་ལེ་བའི།།
མེ་ཏོག་འདྲ་བའི་མ་སྲུ་ཡར་ལ་ཕེབས།།
བསྭོ། དབང་ཐང་རྒྱས།
བསྭོ  ཚེ་བསོད་འཕེལ།
ཁ་བཏགས་ཨ་ཤེ་དཀར་པོས་རྟ་ཁ་ལེན།།
གྲོ་སོ་ཕྱེ་མར་མཆོད་པ་ཁྱེད་ལ་འབུལ།།


སྒོ་མོའི་གཡུ་ཐེམ་སྟེང་ལ་ཕྱིང་དཀར་འདིང་།།
ཕྱིང་དཀར་སྟེང་ལ་ནས་དཀར་གཡུང་དྲུང་འབྲི།།
གཞས་དཔོན་བཀྲ་ཤིས་རྒྱལ་པོ་ཡར་ལ་ཕེབས།།
གཞས་མ་དབྱངས་ཅན་འཕང་འགྲོ་ཡར་ལ་ཕེབས།།
བསྭོ། གཞས་དཔོན་ལགས།
བསྭོ། གར་མ་ལགས།
ངག་རིག་དྲི་ཟའི་གླིང་བུ་སྣ་ཚོགས་འབོད།།
ཚེ་རིང་དྲུག་སྐོར་ཡོང་བའི་རྩེད་བྲོ་འཁྲབ།
ཚེ་རིང་དྲུག་སྐོར་ཡོང་བའི་རྩེད་བྲོ་འཁྲབ།
ཚེ་རིང་དྲུག་སྐོར་ཡོང་བའི་རྩེད་བྲོ་འཁྲབ།
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑