圣洁三江源

歌手: 三江源兄弟组合 • 专辑:圣洁三江源 • 发布时间:2025-02-02
作词 : 多智合
 作曲 : 三江源兄弟组合
 制作人 : 多智合
ང་ཡི་དག་པའི་ཞིང་ཁམས།
ཚིགརྡོ་གྲགས།
དབྱངས། ཉི་མ་རྒྱལ་མཚན།
ལེན་མཁན། གཙང་གསུམ་སྤུན་མཆེད་ཚན་སྡེབ།
རི་ཆེན་རི་ཆུང་ཕ་དང་མེས་པོའི་འཕྲག་ནས་འབུས།
ཆུ་ཆེན་ཆུ་ཆུང་མ་དང་སྲུ་མོའི་བྲང་ནས་མཆེད།
ཐང་ཆེན་ཐང་ཆུང་བུ་དང་ཚ་བོས་ཤུགས་ཀྱིས་བརྡལ།
རྩྭ་ལྗང་མེ་ཏོག་འདོ་དྲུག་རྟ་ཡི་རྨིག་པས་བཙུགས།
ཨ། ང་ཡི་གླིང་ཀ།
ང་ཡི་གཞིས་ཁྱིམ་དྲོན་མོ།
ཨ། ང་ཡི་གླིང་ཀ།
ང་ཡི་གཞིས་ཁྱིམ་དྲོན་མོ།
གངས་ལ་དྲི་མག་མེད་པ།
དཀར་པོ་དུང་ལས་གྲུབ་པ།
མཚོ་ལ་ནག་ནོག་མེད་པ།
སྔོན་མོ་གཡུ་ལས་གྲུབ་པ།
འདི་ནི་ཕྱི་ལ་ངོམ་པའི་ནོར་བུ་ཡིན།
འདི་ནི་ནང་ལ་འཛོམས་པའི་གཡང་རྟེན་ཡིན།
འདི་ནི་ཕྱི་ལ་ངོམ་པའི་ནོར་བུ་ཡིན།
འདི་ནི་ནང་ལ་འཛོམས་པའི་གཡང་རྟེན་ཡིན།
འདི་ནི་ནང་ལ་འཛོམས་པའི་གཡང་རྟེན་ཡིན།

རི་རྒྱལ་ལྷུན་པོ་ཕ་དང་ཨ་ཁུའི་སྐུ་ལུས་ཡིན།
ཆབ་དང་ཆུ་བོ་མ་དང་སྲུ་མོའི་ཟུངས་ཁྲག་ཡིན།
ང་ཚོ་འཚོ་ཞིང་བཞེས་སའི་འཁོར་ཡུག་འདི།
འཛམ་གླིང་ཡང་རྩེ་གཙང་གསུམ་ཆུ་བོའི་མགོ་ཁུངས་ཡིན།
ཨ། ང་ཡི་ཕ་ཡུལ། ང་ཡི་དག་པའི་ཞིང་ཁམས།
ཨ། ང་ཡི་ཕ་ཡུལ། ང་ཡི་དག་པའི་ཞིང་ཁམས།
མེ་ཏོག་དཀར་དམར་ཁྲ་གསུམ།
ཁྲ་བོ་གཟི་ལས་གྲུབ་པ།
མཐིང་སྨུག་སྦྲ་ཡི་གུར་ཁྱིམ།
ཚེ་རབས་རབས་ཀྱི་གཡང་ནོར།
འདི་ནི་ཕྱི་ལ་ངོམ་པའི་ནོར་བུ་ཡིན།
འདི་ནི་ནང་ལ་འཛོམས་པའི་གཡང་རྟེན་ཡིན།
འདི་ནི་ཕྱི་ལ་ངོམ་པའི་ནོར་བུ་ཡིན།
འདི་ནི་ནང་ལ་འཛོམས་པའི་གཡང་རྟེན་ཡིན།
འདི་ནི་ནང་ལ་འཛོམས་པའི་གཡང་རྟེན་ཡིན།
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑