情歌 扎西南嘎

歌手: 比如扎西音乐圈 • 专辑:情歌 扎西南嘎 • 发布时间:2025-02-26
编曲 : 比如扎西音乐圈
མཛའ་འཕྲིན།
ཚིགའདབ་གྲོལ།
དབྱངས།  རི་དགའ།
ལེན་མཁན།  བཀྲ་ཤིས་ནམ་མཁའ།

དགུང་གི་སྐར་ཚོགས་ཕྲ་མོ།།
རྒྱ་སྡེའི་བུ་མོ་ཡིན་ན།།
བཅོ་ལྔའི་དུང་ཟླ་དཀར་ཆུང་།།
ཡེ་ཤེས་ཆོས་མཚོ་ཁྱོད་ཡིན།།

ནགས་ཀྱི་བྱ་བརྒྱའི་གསུང་སྐད།།
བུ་མོའི་གསུང་སྐད་ཡིན་ན།།
ལྷ་བྱ་ཁུ་བྱུག་འདྲ་ལེ།།
ཡེ་ཤེས་ཆོས་མཚོའི་གསུང་ཡིན།།

མེ་ཏོག་པད་མ་འདབས་བརྒྱད།།
ཡེ་ཤེས་ཆོས་མཚོ་ཡིན་ན།།
རྐང་དྲུག་བུང་བ་གཞོན་ནུ།།
སྟག་ཤར་ང་རང་ཡིན་སོང་།།

ཤང་ཤང་ཆུ་མོ་དེ་ཡང་།།
ཡེ་ཤེས་ཆོས་མཚོ་ཡིན་ན།།
གསེར་མིག་ཉ་མོ་ཆུང་ཆུང་།།
གཞོན་པ་ང་རང་ཡིན་སོང་།།

ཡུན་རིང་ཞེ་ལ་ཐོགས་པའི།།
ཆུང་འདྲིས་ཡེ་ཤེས་ཆོས་མཚོ།།
ཁ་སང་འཁྲབ་སྟོན་ཞིག་ནས།།
ལན་གཅིག་འཇལ་བས་སྤྲོ་སོང་།།
歌词滚动者:比如扎西
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑