天空之旅 让桑巴旦和索朗德嘎

歌手: 比如扎西音乐圈 • 专辑:天空之旅 • 发布时间:2025-02-26
编曲 : 比如扎西音乐圈
ཨ་སྔོན་བྱ་ལམ།།
ཚིག་  དམངས་ཁྲོད།
དབྱངས་  དམངས་ཁྲོད།
ལེན་མཁན། རང་གསལ་དཔལ་ལྡན། སོག་ཤོད་བསོད་ནམས་བདེ་དཀར།།

ཨ་སྔོན་བྱ་ལམ་གོང་འོག་གསུམ།
ཨ་སྔོན་བྱ་ལམ་གོང་མ་ནས།
དར་དཀར་ཡུག་གཅིག་རླུང་གིས་འཁྱེར།།
དར་དཀར་མ་རེད་ཐང་དཀར་རེད།
ཐང་དཀར་བྲག་ལ་འཕུར་འགྲོ་རེད།
སྒྲོ་རྩེ་རླུང་གིས་སྐྱོད་འགྲོ་རེད།།

ཨ་སྔོན་བྱ་ལམ་གོང་འོག་གསུམ།
ཨ་སྔོན་བྱ་ལམ་བར་མ་ནས།
དར་སྔོན་ཡུག་གཅིག་རླུང་གིས་འཁྱེར།།
དར་སྔོན་མ་རེད་ཁུ་བྱུག་རེད།
ཁུ་བྱུག་མོན་ལ་འཕུར་འགྲོ་རེད།
སྒྲོ་རྩེ་རླུང་གིས་སྐྱོད་འགྲོ་རེད།

ཨ་སྔོན་བྱ་ལམ་གོང་འོག་གསུམ།
ཨ་སྔོན་བྱ་་ལམ་འོག་མ་ནས།།
དར་སེར་ཡུག་གཅིག་རླུང་གི་འཁྱེར།
དར་སེར་མ་རེད་བྱ་ངང་སེར་རེད།
ངང་སེར་མཚོ་ལ་འཕུར་འགྲོ་རེད།
སྒྲོ་རྩེ་རླུང་གིས་སྐྱོད་འགྲོ་རེད།།
歌词滚动者:比如扎西
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑