往昔恋影

歌手: 雪域珊瑚花·斗毛吉 • 专辑:往昔恋影 • 发布时间:2025-03-08
སྨྲེང་སྐྱོའི་སྨུ་གུ
往昔恋影
གཞས་ཚིག ཚྭ་རྡེའུ། 
作词:查德
གཞས་རྟ། གདུགས་དཀར་རྒྱལ། 
作曲:德格加
ལེན་མཁན། གདུགས་མོ་སྐྱིད།
原唱:斗毛吉
མཚོ་སྔོན་པོའི་ནང་ལུང་རིང་མོར།། 
སྨུག་བསྭོ་ལོ་ལོ་ཞིག་འཐིབས་གི།
ན་ཨ་ལོང་འདྲ་པོའི་ཁུགས་ནས།།
ཕྱི་བྱ་བརྒྱས་གཤོག་རྩེས་ཡེད་གི།།
བྱ་ངང་བས་ངང་བ་ཁྲིད་ནས།།
གཉོམ་ཤ་ལེ་མཚོ་མཐར་འབབ་གི།
ངའི་བླ་བྱ་གཡུ་ཐིག་ཅན་པོ།། 
ཁྱོད་མ་འཁོར་སྐྱེ་བ་ཟད་ཐལ།། 
སྡུག་སྨྲེང་པ་བྱ་ཁྱུས་གོ་ཐལ།།
སྒྲོ་དང་རུས་ཆར་ཆུས་བངས་ཐལ།། 
རྫ་ཕྱི་ནང་གཉིས་ཀའི་བར་ནས།།
ཐུག་མ་ཐུབ་ཁོ་ཐག་ཆོད་ཐལ།། 
གཤོག་རྡེབ་སའི་བྱ་ཁྱུ་གཅིག་ལ།། 
བྱ་རང་རང་འཁོར་ལས་མེད་ཐལ།།  
སྒྲོ་སྟོང་སྐུད་རླུང་གིས་བསེད་ནས།།
རླུང་སྤུ་གྲིས་གཤོག་རུ་གཏོར་ཐལ།།
ཞེ་སྡུག་ལ་དྭངས་མཐའ་མེད་ཐལ།། 
གནམ་སྔོན་མོ་གཅིག་གི་ཡོག་གི།
ཨ་ཤུ་རེ་དེང་མའི་བླ་བྱ།། 

ས་འཛོམས་པོ་གཡུ་ལུང་གྲོང་ལ།།
ནང་ན་ཟླས་འཚུབ་སྐོར་བརྒྱབ་ན།།
སྡེ་མར་ཁུ་འདྲ་བོའི་ནང་གི།
རོགས་ལྷ་སྐུ་འདྲ་བོ་དྲན་གི།
བུ་གཅེས་པས་གཅེས་མ་ཁྲིད་ནས།།
ཁྲ་ཤོལ་ལེར་རྩེད་མགོ་སྒྲིག་དུས།།
ངའི་འདང་ཆེན་སྲོག་གི་སྐྱ་ཡ།།
ངར་མ་དབང་ཚེ་སྟོད་ཚར་ཐལ།། 
སྡུག་སྨྲེང་གཏམ་སྡེ་བས་གོ་ཐལ།།
ཤ་མཆིན་པར་དར་ཁ་འགྲིག་ཐལ།། 
ལ་སྟོད་སྨད་གཉིས་ཀའི་བར་ནས།།
འགྲོགས་མ་ཐུབ་ཁོ་ཐག་ཆོད་ཐལ།། 
ས་འཇིག་རྟེན་རྩེད་ར་གཅིག་ནས།།
རོགས་རང་རང་རྩེ་དབང་མེད་ཐལ།། 
སྡེ་ཚོ་དྲུག་མྱི་ཁས་བསྐོར་ནས།།
ལུས་ལྷུ་དྲུག་སྡུག་གིས་ཁེངས་ཐལ།།
ཁྱོད་མ་ཐོན་རེ་ཐག་ཆད་ཐལ།།
ངས་མ་ལྕོགས་འཁྱག་ཐག་ཆོད་ཐལ།།
ཨ་ཤུ་རེ་དེང་མའི་དགའ་ལོ།།
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑