甘孜洛桑

歌手: 比如扎西音乐圈 • 专辑:我的挚爱•甘孜洛桑 • 发布时间:2025-03-19
编曲 : 比如扎西音乐圈
ཡིད་དགའ།

ཚིག  སྦྲ་རྒན་བརྩོན་འགྲུས་རྒྱ་མཚོ།
དབྱངས།    མགར་རྡོ་རྗེ་གྲགས་པ།
གཞས་པ།  དཀར་མཛེས་བློ་བཟང་།

ང་ཡི་ཡིད་ན་ཡོད་པ།  །
ཆུང་འདྲིས་ཡིད་དགའ་མེ་ཏོག  །
ཡིད་དགའ་ལས་ཀྱིས་དེད་ནས།  །
ས་མཐའ་རྡོག་པས་མནན་ཡོད།  །
ཡིད་དགའ་མ་སླེབས་བར་དུ།  །
དབྱར་ཟླ་དབྱར་ལ་མི་མཐོང་།  །

རི་བོ་མཐོན་པོའི་རྩེ་ནས།  །
གནམ་སའི་འདྲེས་མཚམས་མཐོང་གི  །
ཡིད་དགའ་ཡོད་སའི་ཕྱོགས་ལ།  །
ཁ་བ་འབབ་ཀྱིན་ཡོད་འདྲ།  །
ཡིད་དགའི་བདེ་སྡུག་བསམ་ན།  །
བྱ་ཞིག་ཡིན་ན་བསམ་བྱུང་།  །

དྲན་གདུང་སྙིང་ལ་འཐིབ་ན།  །
སྙིང་ཆུང་འདུག་བཟོད་མེད་པ།  །
ཨ་མ་གནམ་གྱི་རྒྱལ་མོ།  །
བཀའ་ཆད་ག་འདྲ་ཡིན་ནམ།  །
ཡིད་དགའ་ཐོབ་པ་མེད་ན།  །
མི་ལུས་གནང་ཡང་མི་དགོས།  །
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑