这是责任

歌手: 歌手班玛措 • 专辑:这是责任 • 发布时间:2018-04-01
作词 : 汪什代海·热乐
 作曲 : 智王桑珠
དེ་ནི་འགན་འཁྲི་ཡིན།
ཚིག བོང་སྟག་རི་ལུ།
དབྱངས། གྲུ་བ་བསམ་འགྲུབ།
ལེན་མཁན། པདྨ་མཚོ།
མཛེས་པའི་སྤང་ཐང་ན་མེ་ཏོག་རེ་རེ་བཞད།
མེ་ཏོག་རེ་རེ་ལ་ཁ་དོག་རེ་རེ་ཡོད།
མི་རིགས་རེ་རེ་ནི་མེ་ཏོག་རེ་རེ་ཡིན།
མེ་ཏོག་རེ་རེ་ལ་ནོར་བུ་རེ་རེ་ཡོད།
སྐད་དང་ཡི་གེ་ཡིན་དེ་ལ་སྦྱངས་བརྩོན་གྱིས།
སྦྱངས་བརྩོན་བྱེད་ཐུབ་ན།དེ་ནི་ཡར་ཐོན་ཡིན།
ཡོན་ཏན་སྦྱོང་བྱེད་ཀྱི་ལག་ཆ་ཡག་ཤོས་ནི།
རང་གི་ཕ་སྐད་ཡིན་དེ་ལ་སྦྱངས་བརྩོན་གྱིས།
ཡོན་ཏན་སྦྱོང་བྱེད་ཀྱི་ལག་ཆ་ཡག་ཤོས་ནི།
རང་གི་ཕ་སྐད་ཡིན་དེ་ལ་སྦྱངས་བརྩོན་གྱིས།
དེ་ནི་འགན་འཁྲི་ཡིན། དེ་ནི་མཐུན་སྒྲིལ་ཡིན།
༜༜༜
མཛེས་པའི་སྤང་ཐང་ན་མེ་ཏོག་རེ་རེ་བཞད།
མེ་ཏོག་རེ་རེ་ལ་ཁ་དོག་རེ་རེ་ཡོད།
མི་རིགས་རེ་རེ་ནི་མེ་ཏོག་རེ་རེ་ཡིན།
མེ་ཏོག་རེ་རེ་ལ་ནོར་བུ་རེ་རེ་ཡོད།
ཡུལ་སྲོལ་གོམས་གཤིས་ཡིན་དེ་ལ་རྒྱུད་འཛིན་གྱིས།
རྒྱུད་འཛིན་བྱེད་ཐུབ་ན།དེ་ནི་ཡར་ཐོན་ཡིན།
མི་རིགས་སོ་སོ་ཡི་མཛེས་སྡུག་རི་མོ་དེ།
ཡུལ་སྲོལ་གོམས་གཤིས་ཡིན་དེ་ནི་རྒྱུད་འཛིན་གྱིས།
མི་རིགས་སོ་སོ་ཡི་མཛེས་སྡུག་རི་མོ་དེ།
ཡུལ་སྲོལ་གོམས་གཤིས་ཡིན་དེ་ནི་རྒྱུད་འཛིན་གྱིས།
དེ་ནི་འགན་འཁྲི་ཡིན། དེ་ནི་མཐུན་སྒྲིལ་ཡིན།
མི་རིགས་སོ་སོ་ཡི་མཛེས་སྡུག་རི་མོ་དེ།
ཡུལ་སྲོལ་གོམས་གཤིས་ཡིན་དེ་ནི་རྒྱུད་འཛིན་གྱིས།
མི་རིགས་སོ་སོ་ཡི་མཛེས་སྡུག་རི་མོ་དེ།
ཡུལ་སྲོལ་གོམས་གཤིས་ཡིན་དེ་ནི་རྒྱུད་འཛིན་གྱིས།
དེ་ནི་འགན་འཁྲི་ཡིན། དེ་ནི་མཐུན་སྒྲིལ་ཡིན།
དེ་ནི་འགན་འཁྲི་ཡིན། དེ་ནི་མཐུན་སྒྲིལ་ཡིན།
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑